ལྕང་མའི་ལོ་མ་ས་ལ་ཟགས་སོང་དེ་འདྲའི་སྐྱོ་བ་ལ།
ས་གཞི་ཐམས་ཅད་ཁ་བས་སྐོར་སོང་དེ་འདྲའི་ཕངས་བ་ལ།
ཉི་མ་ཉི་མ་ཚུར་ལ་ཕེབས་ཤོག
རླུང་བུ་རླུང་བུ་ཕར་ལ་ཕེབས་དང་།
ཁ་ཤས་ནི་ཟ་ཡག་མེད་པར་ཤི་འགྲོ་གིས།
ཁ་ཤས་ནི་འཕྲོ་བརླག་ཀྱང་ཀྱང་བཏང་བསྡད་གིས།
ཁ་ཤས་ནི་བཏུང་ཡག་མེད་པར་ཤི་འགྲོ་གིས།
ཁ་ཤས་ནི་མ་སྐྱུག་བར་དུ་བཏུང་ཐུབ་གིས།
ང་ཕྱུག་པོ་ཆགས་ས་རེད་ང་ཕྱུག་པོ་ཆགས་ས་རེད།
བོད་རིགས་ཕྲུ་གུ་ཆུང་ཆུང་ཞིག་གི
སེམས་ནང་ཡོད་པའི་བྱམས་སྙིང་རྗེ།
རྒྱུ་ནོར་དང་བརྗེ་པོ་རྒྱབ་ཡག་ཡོད་ན།
ང་ཕྱུག་པོ་ཆགས་ས་རེད།
བོད་རིགས་བུ་མོ་ཆུང་ཆུང་ཞིག་གི
རྒྱུད་ལ་ཡོད་པའི་ཡ་རབས་སྤྱོད་བཟང་།
རྒྱུ་ནོར་དང་བརྗེ་པོ་རྒྱབ་ཡག་ཡོད་ན།
ང་ཕྱུག་པོ་ཆགས་ས་རེད།
Смотрите видео ང་ཕྱུགས་པོ་ཆགས་ས་རེད། онлайн без регистрации, длительностью часов минут секунд в хорошем качестве. Это видео добавил пользователь Tibetan Experience 26 Январь 2024, не забудьте поделиться им ссылкой с друзьями и знакомыми, на нашем сайте его посмотрели 65,65 раз и оно понравилось 68 людям.